སྤྲིན་གྱི་ཕོ་ཉ།

བོད་ཡིག་དོན་དུ་གཉེར།

དྲ་ཚིགས་བཟོ་སྐྲུན།
མཉེན་ཆས་དང་བྱ་རིམ་ཆུང་བ་བཟོ་སྐྲུན།
དྲ་བའི་ཚོང་ཁང་ཇུས་བཀོད།
སྐད་གསུམ་ལོ་ཙཱ་དང་བརྡ་ཁྱབ།
Mobirise



ཚང་མ་དྲ་མཛོད་ནི་སྤྲིན་གྱི་ཕོ་ཉ་ཚོགས་པ་ནས་བཟོས་པའི་བོད་ཡིག་གི་དྲ་ཚིགས་ཕྱོགས་ཅན་གྱི་དྲ་ཚིགས་ཤིག་ཡིན།  དྲ་ཚིགས་འདི་ནི་རིན་མེད་པར་འཇུག་ཆོག་པའི་སྤྱི་ཕན་དྲ་ཚིགས་ཤིག་ཡིན།  དྲ་ཚིགས་འདིའི་ནང་དུ་བོད་ཡིག་གི་གཞུང་སྒེར་དྲ་ཚིགས་གང་ཡོད་གཟབ་ནན་སྒོས་རིགས་བགར་ནས་བཀྲམ་ཡོད།

དྲ་གནས།  http://www.bo1376.com

བོད་རང་ལ་ཆ་བཞག་ན། རྒྱལ་སྤྱིའི་གསར་འགྱུར་སྐད་གྲགས་ཅན་དུས་བབ་དང་བསྟུན་ནས་འདོན་སྤྲོད་བྱེད་སའི་འཕྲིན་སྟེགས་ཞིག་ཡོད་ས་མ་རེད། ཡིད་ཕངས་པས་སྣང་ཚུང་འདི་ལ་དམིགས་ནས། ད་ཆ་ང་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ལམ་ནས་བཀོད་པའི་གསར་འགྱུར་སོགས་ཁུངས་བྱེད་ནས་རྒྱལ་སྤྱིའི་གསར་འགྱུར་བོད་ཡིག་དུ་བསྒྱུར་རྒྱུའི་ལས་དངོས་སུ་བརྩམས་ཤིང་། ཉིན་རེར་སྔ་དྲོའི་མཚམས་སུ་དུས་ལྟར་དུས་བབ་དྲ་བར་སྤེལ་ངེས།

དྲ་གནས།  https://bo1376.com/new/

Mobirise
Mobirise

གཏམ་རྒྱུད་དྲ་བ་ནི་བོད་ཀྱི་བྱིས་དེབ་དཔྱིད་ཆར་བྱ་བར་མཉམ་འབྲེལ་བྱེད་ནས་གྲུབ་པའི་བོད་ཀྱི་སྲོལ་རྒྱུན་གཏམ་རྒྱུད་དང་འབྲེལ་བའི་དྲ་ཚིགས་ཤིག་ཡིན།  མིག་སྔར་དྲ་ཚིགས་འདིའི་ནང་དུ་བོད་མདོ་སྨད་ཡུལ་གྱི་རོང་ཁུལ་གྱི་གཏམ་རྒྱུད་ཉིས་བརྒྱ་ཙམ་ལས་མེད།  མ་འོངས་པར་ང་ཚོས་དྲ་ཚིགས་འདི་བོད་མདོ་དབུས་ཁམས་དུ་ཁྱབ་པའི་གཏམ་རྒྱུད་རིག་མཛོད་ཞིག་ཏུ་བསྒྱུར་ངེས།

དྲ་གནས།   https://bo1376.com/damgyu/

རེད་དེ།  ཁྱེད་རང་གིས་མཐོང་ནོར་བྱུང་མེད།  ང་ཚོས་ལུག་ཚང་དཔལ་ཡོན་གཉེར་བཞིན་ཡོད།  ལུག་ཚང་དཔལ་ཡོན་ནི་ད་ལྟ་བོད་ཁམས་ཡོངས་སུ་ཆེས་སྐད་གྲགས་ཆེ་བའི་སྐད་འཕྲིན་འཕྲིན་སྟེགས་ཡིན་པ་དང་།  གཟབ་ནན་གྱི་ནང་དོན་དང་དཀྱེལ་ཡངས་ཀྱི་ལྟ་བ་བཟུང་ནས་བོད་ཀྱི་རིག་གནས་ལ་ཞབས་ཞུ་བསྒྲུབ་བཞིན་མཆིས།  དེ་ལས་ཀྱང་གལ་ཆེ་བ་ནི།  ལུག་ཚང་དཔལ་ཡོན་ཉིན་རེར་གསར་བསྒྱུར་བྱ་བཞིན་མཆིས།

སྤྱི་སྟེགས།  TBSHEEP(羊兄乐园) 

Mobirise
Mobirise

མདོ་ལ་རིང་མོ་དྲ་ཚིགས་ནི་སྤྲིན་གྱི་ཕོ་ཉ་དྲ་རྒྱ་ལས་སྒྲུབ་ཁང་གི་སྤེལ་སྐྱོང་བྱེད་བཞིན་ཡོད་ལ། བོད་ཡིག་གི་དྲ་བ་སོ་སོའི་ནང་དོན་ལེགས་གྲས་དག་གཅིག་ཏུ་འཛོམས་སའི་དྲ་རྒྱ་ཞིག་ཡིན། དེ་ཡང་ང་ཚོས་རིན་མེད་པར་དྲ་རྒྱ་རིག་གནས་ལ་ནུས་ཤུགས་འདོན་ཀྱིན་ཡོད་ཕྱིར་པར་དབང་སོགས་ཀྱི་རྩོད་པར་མ་ཐེབས། བཀྲ་ཤིས་བདེ་ལེགས།

དྲ་གནས།  https://bo1376.com/dholaringmo

སུམ་རྟགས་དྲ་བ་འདི་ནི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གང་མང་བསྡུས་པའི་དྲ་ཚིགས་ཤིག་ཡིན། ངེད་སྤྲིན་གྱི་ཕོ་ཉ་དྲ་བས་ལྷག་བསམ་ཟོལ་མེད་ངང་རིགས་མཐུན་སློབ་གཉེར་པ་ཡོངས་ལ་སུམ་རྟགས་ཆེད་སྟོན་གྱི་དྲ་ཚིགས་མེད་པར་དམིགས་ནས་དྲ་བ་འདི་བཟོས་པ་ཡིན། དྲ་བ་འདིའི་ཡིག་ཆ་གང་མང་གཞན་བོད་ཡིག་གི་དྲ་ཚིགས་སོ་སོ་ནས་དྲངས་པ་ཡིན་པས། དྲ་ཚིགས་འདི་དུས་རྟག་ཏུ་ཚོང་གཉེར་ཅན་དུ་མི་བསྒྱུར།

དྲ་གནས།  https://bo1376.com/sumdhak

Mobirise

སྐུ་ཉིད་སྤྲིན་གྱི་ཕོ་ཉ་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

ང་ནི་སྤྲིན་གྱི་ཕོ་ཉ་དྲ་རྒྱའི་འགན་འཛིན་པ་དང་ཁྲིམས་བཅད་དོ་དམ་པ་ཡིན།  ངས་དུས་རྒྱུན་ཚོགས་པའི་ཁྲོད་ནས་ལོ་ཙཱ་དང་པར་རིས་ཇུས་བཀོད་སོགས་འགན་བླངས་ཡོད།  ང་ལ་མཚོན་ན།  བོད་ཡིག་གི་ལམ་ནས་བརྡ་འཕྲིན་ལག་རྩལ་གཉེར་རྒྱུ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་ལ་ངོས་འཛིན་བཞིན་ཡོད།

མདའ་བཞི་གདུགས་དཀར།

འགན་འཛིན་པ་དང་པར་རིས་ཇུས་བཀོད་པ།

ང་ནི་སྤྲིན་གྱི་ཕོ་ཉ་དྲ་རྒྱ་ཚོགས་ཆུང་གི་དྲ་རྒྱ་བཟོ་བསྐྲུན་པ་དང་མཉེན་ཆས་བཟོ་སྐྲུན་པ་ཡིན།  ངས་ད་ཡོད་ཀྱི་ཆ་འཕྲིན་ལག་རྩལ་གསར་བ་སྤྱད་ནས་དྲ་ཚིགས་དང་མཉེན་ཆས་གང་མང་བོད་བསྒྱུར་གཏོང་བཞིན་ཡོད།  ཀྲུང་གོ་ཚན་སྤེལ་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་པ་དང་ཤེས་དཔལ་སྤྱི་གཉེར་ཁང་གི་ལས་འཛིན་སོགས་ཀྱི་འགན་བཟུང་ཡོད།

བསོད་ནམས་གངས་རྒྱན།

ཆ་འཕྲིན་ལག་རྩལ་པ།

ལག་རྩལ་གསར་བ།

ང་ཚོས་ད་ལྟའི་དུས་རབས་སུ་ཆེས་རྒྱུགས་ཆེ་བའི་ཆ་འཕྲིན་ལག་རྩལ་སློབ་བཞིན་ཡོད་ལ།  རྟག་ཏུ་སློབ་མའི་འདུ་ཤེས་བཟུང་ནས་ཆ་འཕྲིན་དུས་རབས་ཀྱི་རླབས་རྒྱུན་གདོང་གིས་བསུ་བཞིན་མཆིས།html5དང་CSS3་པ།  ད་དུང་རྒྱུགས་ཆེ་བའི་pagekitསོགས་ལག་ཆ་བྱེད་ཡོད།

བོད་རིག་གནས་ཀྱི་རྒྱབ་རྟེན།

དྲ་ཚིགས་བཟོ་སྐྲུན་པ་དང་ལོ་ཙཱ་བ་ཡོངས་བོད་སྐད་ཡིག་རིག་གནས་ཀྱི་ཆེད་ལས་ཡིན་ལ།  བོད་ནང་དུ་མཚན་སྙན་གྱི་བ་དམ་ཕྱོགས་བཞིར་ཁྱབ་པའི་ནུབ་བྱང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཡིན།

ཀུན་སློང་རྣམ་དག

ང་ཚོས་ཅི་ཀྱང་རང་ཁ་གསོ་བའི་ཕར།  ཀུན་སློང་རྣམ་དག་གི་བོད་ཡིག་དྲ་ཚིགས་གང་མང་བཟོས་ནས་བོད་རིག་གནས་ཡང་དག་ཅན་འདི་ཆ་འཕྲིན་གྱི་ལམ་ནས་བོད་མདོ་དབུས་ཁམས་གསུམ་དུ་སྤེལ་ཡོད།

ང་ཚོར་དོ་སྣང་བྱ་འདོད་ན།


ལས་གཉེར་ཟིན་ཐོ།

༢༠༡༨ལོའི་ཟླ་དྲུག་པའི་ཚེས་བཅུ་ཉིན།

ལྷ་ས་ནས།

ལྷ་ས་ནས་ལུག་ཚང་དཔལ་ཡོན་འབྱོར།

༢༠༡༨ལོའི་ཟླ་དྲུག་པ་ནི་ང་ཚོར་མཚོན་ན་ཆེས་བརྗེད་དཀའ་བའི་དུས་མཚམས་ཤིག་ཡིན།  དེ་དུས་སུ་ང་ཚོ་ལུག་རིན་པོ་ཆེ་ལ་མཇལ་བ་དང་།  བོད་ཡིག་ཆ་འཕྲིན་ཕྱོགས་ཀྱི་ཤེས་བྱ་གང་མང་ཐོབ།  ད་དུང་ཡང་སྐྱིད་ཤོད་ལྷ་ས་ནས་བོད་ལྗོངས་ཀྱི་ཆ་འཕྲིན་ཁྲོམ་ར་ལ་རྒྱུས་ལོན་ཆེན་པོ་བྱུང་།  དེ་དུས་སུ་ང་ཚོས་ལུག་ཚང་འཕྲིན་སྟེགས་དངོས་སུ་དོ་དམ་བྱས་པ་དང་།  ད་དུང་ནོར་ནོར་བྱིས་སྒྲུང་གི་སྤྱི་གཉེར་ཁང་ནས་མ་འོངས་པའི་འཆར་གཞི་གང་མང་འཐེན་ཐུབ་སོང་།

༢༠༡༨ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན།

མདོ་ལ་ནས།

མདོ་ལ་ནས་སྤྲིན་གྱི་ཕོ་ཉའི་ལས་ཤག་གཉེར།

དུས་རབས་འདི་ལ་མི་རྐྱང་ཅིག་གི་དཔའ་ཕོད་མངོན་པ་ནི་རྗེས་ལུས་ཀྱི་རྟགས་ཤིག་རེད།  དེ་བས།  ང་ཚོས་མདོ་ལ་ནས་དྲ་རྒྱའི་ལས་ཤག་ཅིག་ཐོ་འགོད་བྱས་ནས་སྤྲིན་གྱི་ཕོ་ཉ་ཞེས་བའི་མིང་གཏན་ཁེལ་བྱེད་ནས་དངོས་སུ་ལས་མགོ་བརྩམས།  ད་དུང་མདོ་ལ་ལྷ་ཡི་ཞིང་ཁམས་ནས་ལས་མི་གཉིས་ལ་མཉམ་འབྲེལ་བྱེད་ནས་དངོས་སུ་ཚོགས་ཆུང་གི་ལས་བགོ་བྱས།  ང་ཚོར་མཚོན་ན།  མདོ་ལ་ནི་ཁམས་དྭངས་སའི་གནས་མཆོག་ཅིག་ཡིན་ལ།  བོད་པའི་རིག་གནས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ཤིན་ཏུ་གསལ་བའི་ས་ཆ་ཞིག་ཡིན།  ས་འདི་ནས་ང་ཚོས་གཞུང་སྒེར་གང་མང་གི་ཆ་འཕྲིན་ལས་གཉེར་མང་པོ་བྱེད་བཞིན་མཆིས།

༢༠༡༨ལོའི་ཟླ་བདུན་པའི་ཚེས་བཅུ་ཉིན།

མདོ་ལ་ནས།

རིམ་བཞིན་དུ་དྲ་ངོས་ཤར་གཏོང་བྱས།

ཟླ་བ་འདིའི་ནང་དུ་ང་ཚོས་ལག་རྩལ་སློབ་གཉེར་བྱེད་ཞོར།  རིམ་བཞིན་དུ་གོང་ལ་སྤེལ་བའི་དུས་བབ་དྲ་ཚིགས།  ཚང་མ་དྲ་མཛོད།  གཏམ་རྒྱུད་དྲ་བ།  སུམ་རྟགས་དྲ་ཚིགས།  སྤྱི་སྟེགས་ཀུན་འདུས།  མདོ་ལ་རིང་མོ།  ད་དུང་མདོ་ལ་ས་གནས་ཀྱི་ས་བཀྲ་སོགས་དངོས་སུ་ཤར་གཏོང་བྱས།  འདི་དག་ནི་ང་ཚོར་མཚོན་ན་རིན་ཐང་གཞལ་དུ་མེད་པའི་ཉམས་མྱོང་གསོག་འཇོག་གི་གོ་རིམ་གལ་ཆེན་ཞིག་ཡིན།

༢༠༡༨ལོའི་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན།


མདོ་ལ་ནས།

དངོས་སུ་གངས་རྒྱན་མ་ལག་བཀྲམ་སྤེལ་བཏང་། 

གངས་རྒྱན་མ་ལག་ནི་བོད་རང་ལ་དྲ་རྒྱའི་མ་ལག་མཉེན་ཆས་CMSམེད་པར་དམིགས་ནས་བོད་ཡིག་གི་ཁྱད་ཆོས་ལ་གཞི་ནས་བཟོས་པའི་མཉེན་ཆས་གལ་ཆེན་ཞིག་ཡིན། སྔོན་བོད་ལ་ཡོད་པའི་WordPressབོད་འགྱུར་པར་གཞི་ནི་གསར་བསྒྱུར་དབེན་ཞིང་བེད་སྤྱོད་དཀའ་བ་སོགས་ཀྱི་སྐྱོན་ཆ་སེལ་ཐབས་བྲལ་པས་གངས་རྒྱན་མ་ལག་གིས་བོད་ཡིག་སྟབས་བདེ་ངང་དྲ་ཚིགས་བཟོ་བར་མཐུན་རྐྱེན་བསྐྲུན་ཡོད། ང་ཚོར་མཚོན་ན། འདི་ནི་ཆེས་གལ་ཆེ་བའི་གོམ་པ་དང་པོ་ཡིན། རྗེས་མ་ང་ཚོས་ད་དུང་དྲ་རྒྱ་དང་བོད་རིག་གནས་ལ་འབྲེལ་བའི་དྲ་ཚིགས་སྣ་ཚོགས་བཟོ་ངེས།

ང་ཚོས་ཁྲོམ་རར་ཁ་ཕྱོགས་ནས་རིན་ལྡན་གྱི་ཞབས་ཞུ་ཡང་སྒྲུབ་བཞིན་ཡོད།

རིན་གོང་གི་རེའུ་མིག

སྒེར་གྱི་དྲ་ཚིགས་བཟོ་སྐྲུན།

4999

ལོ་རེར།

  • 1.སྐད་རིགས་སྣ་གསུམ་འདུས།

  • 2.གློག་ཀླད་དང་ཁ་པར་སོགས་ནས་བདེ་ལེགས་འཆར་ཐུབ།

  • 3.ཁོངས་མིང་དང་ཞབས་ཞུ་འཕྲུལ་ཆས་སོགས་མཁོ་སྤྲོད།

  • 4.ཐེངས་ལྔ་ལ་བཟོ་བཅོས་དང་གསར་བསྒྱུར།

  • 5.རྩོམ་ཡིག་དང་བརྙན་པར་སོགས་འཇོག་ཚུལ་གཟའ་འཁོར་གཅིག་ལ་ཟུར་ཁྲིད།

  • མཆན། གསར་བསྒྱུར་གཏོང་རོགས་བྱ་དགོས་ན་ལོ་རེར་སྒོར་སྟོང་གཅིག་བསྣན་དགོས།   ཚོང་གཉེར་གྱི་ནུས་པ་དགོས་ན་མུ་མཐུད་དུ་ལོ་རེར་སྒོར་སྟོང་གསུམ་བསྣན་དགོས།

གཞུང་གཉེར་དྲ་ཚིགས་བཟོ་སྐྲུན།

8499

རྨང་གཞི།

  • 1.སྐད་རིགས་སྣ་གསུམ་འདུས།

  • 2.གློག་ཀླད་དང་ཁ་པར།  སྐད་འཕྲིན་སྤྱི་སྟེགས་སོགས་ནས་བདེ་ལེགས་ངང་འཆར་ཐུབ།

  • 3.ཁོངས་མིང་དང་ཞབས་ཞུ་འཕྲུལ་ཆས་གཞུང་གི་ལས་དོན་དང་བསྟུན་ཐུབ་པའི་བདེ་འཇགས་ཅན་གྱི་ཧ་ཝེར་ནས་ཉོ་ངེས།

  • 4.ཐེངས་བཅུ་ལ་བཟོ་བཅོས་དང་གསར་བསྒྱུར།

  • 5.རྨང་གཞིའི་རིན་གོང་ཐོག  ལོ་རེར་བརྡ་ལྔ་བཅུ་ལྷག་སྤེལ་ངེས།  དེ་ལས་བརྒལ་ན་གསར་འགྱུར་བརྡ་ཁྱབ་གཅིག་ལ་སྒོར་བརྒྱ་ལྟར་བརྩི་དགོས།

  • 6.ཉེན་རྟོག་རུ་ཁག་ནས་དྲ་ཚིགས་ལ་ཐོ་འགོད་བྱ་ངེས། SSLབདེ་འཇགས་གསང་བསྒྱུར་བྱ་ངེས།

མ་ལག་ཅན་གྱི་དྲ་ཚིགས་གསར་སྤེལ།

གྲོས་བཅད།

ལོ་རེར།


  • 1.སྐད་རིགས་སྣ་གསུམ་འདུས།

  • 2.མ་ལག་གང་མང་ནས་འདེམས་ཆོག

  • 3.དྲ་མཛོད་དང་ཡང་ན་དྲ་ཚིགས་ཆེ་ཤོས་དཔེར་ན་ཧི་མ་ལ་ཡ་རིག་མཛོད་ལྟ་བུ་བཟོ་དགོས་ན་རྨང་གཞི་རིན་གོང་༥༠༠༠༠ཡིན།  

  • 4.གསར་བསྒྱུར་དང་དོ་དམ་བྱ་དགོས་ན་རིན་གོང་གྲོས་བྱ་ཆོག

  • 5.དྲ་ཚིགས་ཆེ་ཤོས་ལ་བདེ་འཇགས་ཐད་ཀྱི་རེ་བ་ཆེན་པོ་ལྡན་ཕྱིར་ངེས་པར་དུ་ང་ཚོས་གོ་སྒྲིག་ལྟར་བདེ་འཇགས་ཀྱི་ཞབས་ཞུ་སྒྲིག་ཆས་ཉོ་དགོས།

  • 6.ལས་མི་རྣམས་ལ་གཟའ་འཁོར་གཉིས་ཀྱི་རིང་གི་ལག་རྩལ་ཕྱོགས་ཀྱི་ཟུར་སློབ་བྱ་དགོས།  དེའི་རིན་ངེད་ཕྱོགས་ནས་འགན་མི་ཁུར།

ཆ་འཕྲིན་ཞབས་ཞུ་གཞན།

གྲོས་བཅད།


ཉིན་རེར།

  • ལྷ་ས། 189 8999 3920

  • མདོ་ལ། 18935503143

དུས་རབས་ཉེར་གཅིག་ནི་བརྡ་འཕྲིན་གྱི་དུས་རབས་ཡིན།

We are committed to Tibetan information galloping on the Internet,
and we are the messenger team of the cloud.

ང་ཚོར་འཕྲིན་ཡིག་གཏོང་རོགས།

བཀྲ་ཤིས་བདེ་ལེགས།

ང་ཚོས་ཐེངས་རྗེས་མར་དྲ་ངོས་གསར་བསྒྱུར་གཏོང་རེག་བར་དུ་ད་དུང་ཉིན་བརྒྱ་ཡོད།

དྲ་ངོས་འདི་འོག་གི་དྲ་ཚིགས་གཞན་པར་བསྐུར་རོགས།(རྒྱལ་ནང་ནས་བསྐུར་མི་ནུས།)

ས་གནས།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཙུན་མོ་གྲོང་།            

འབྲེལ་གཏུགས།

ཡིག་ཟམ།
yunshispace@outlook.com
ཁ་པར།
+ 86  189 3550 4143
+ 86  189 8999 3920

དྲ་འབྲེལ།

ང་མ་དྲ་མཛོད།

དུས་བབ་དྲ་བ།

མདོ་ལ་རིང་མོ།